མིང་བརྡ་སྔོག་བཤེར་ལས་བཟོ།

  Previous topic Next topic JavaScript is required for the print function  

ཚོད་འཛིན་ཡོ་བྱད་གཙོ་བོའི་སྟེང་གི་མིང་བརྡ་སྔོག་བཤེར་མཐེབ་ནོན་མནན་ཚེ། མིང་བརྡ་སྔོག་བཤེར་ཡོ་བྱད་གསར་བ་ཞིག་གི་ཁ་འབྱེད་པ་དང་མཉམ་དུ་Windowsཡི་འགན་ཐོའི་སྟེང་འཆར་ཡོང་།

 

start_concord        

 

ད་ལྟ་མིང་བརྡ་སྔོག་བཤེར་ཡོ་བྱད་དུFile | Newཞེས་རིམ་པ་བཞིན་འདེམས།        

 

 file_new_menu        

གལ་ཏེ་ཡིག་རྐྱང་ཡིག་ཆ་བདམས་མེད་ཚེ། ཁྱེད་ཀྱིས་ཡིག་ཆ་གཞན་ནས་འདེམས་དགོས། གནོན་ཡུལ་ནི Choose Texts Now ཞེས་པ་འདི་ཡིན།        

 

c_wizard_main_tab        

 

གལ་ཏེ་ཡིག་རྐྱང་ཡིག་ཆ་བདམས་ཟིན་ན། ཁྱེད་ཀྱིས་ཐ་སྙད་འཚོལ་བཤེར་སྟེ Search Wordལེ་ཚན་དུ་འཚོལ་འདོད་ཀྱི་ཐ་སྙད་གཏག་དགོས། 

 

search_word_entering        

 

འདིར་ཁོ་བོས་འཚོལ་འདོད་པའི་ཐ་སྙད་ནི wherefore ཡིན། དེ་འཚོལ་སྒྲོམ་དུ་གཏག་རྗེས OK ནོན།        

       

concordance_wherefore        

 

མིང་བརྡ་སྔོག་བཤེར་ཡོ་བྱད་ཀྱིས"wherefore" ཞེས་པའི་མིང་གི་དཔེ་བརྗོད་ཡོད་ཚད་དྲངས་ཡོང་ཞིང་། མིང་གི་སྔ་གཞུག་ཏུ་མིང་མཚམས་དབྱེ་བྱེད་བརྡ་རྟགས་སམ་བར་སྟོང་ཞིག་ཀྱང་བཀོད་ཡོད། &#160        

ད་ལྟ་ང་ཚོས་མིང་བརྡ་སྔོག་བཤེར་ལས་བཟོ་བྱས་ཚར་བ་དང་།WordSmith ཡིས་ཡིག་རྐྱང་ཡིག་ཆ་རེ་རེའི་ཁྲོད་དུ་ཐ་སྙད་ཅི་ཙམ་ཡོད་པ་རྟོགས་ཐུབ། rom06.txtཡིག་ཆའི་ནང་བསྡོམས་པས་ཐ་སྙད1,506 ཡོད་ཅིང་། rom8.txt ནང་དུ་དེ་ལས་མང་སྟེ། ཐ་སྙད2,236ཡོད།        

 

chosen_multiple_texts_and_wordcount        

 

 

Page url: http://www.lexically.net/wordsmith/step_by_step_Tibetan/?makingaconcordance.htm